查看原文
其他

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུངས་རྩོམ།

关注 佛陀之音家 2022-12-09




མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་ནི།

རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ཕྱི་ལོ་ ༡༩༠༣ ལོར་མདོ་སྨད་རེབ་གོང་ཞོ་འཕོང་དུ་ཡབ་ཨ་ལགས་རྒྱལ་པོ་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ནས་བློ་རིག་རྒྱས། རྡོར་བྲག་མཁན་པོ་འཇིགས་མེད་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་བཟུང་། གཡའ་མ་བཀྲ་ཤིས་འཁྱིལ་དགོན་པར་ཞུགས་ནས་སུམ་རྟགས་དག་གསུམ་ལ་སྦྱངས། དགུང་ལོ་བཅོ་ལྔ་ཙམ་ལ་དྷི་ཚ་དགོན་དུ་ཕེབས། ཞྭ་དམར་པཎྜི་ཏ་ལས་མཚན་ཉིད་སོགས་ཀྱི་སློབ་གཉེར་མཛད། དགུང་ལོ་བཅུ་དགུ་པར་མཁན་ཆེན་སྐུ་ཕྲེང་དྲུག་པ་ལས་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། མཚན་ལ་དགེ་འདུན་ཆོས་འཕེལ་ཞེས་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚད་མ་དང་། ཕར་ཕྱིན་བཅས་ལ་སྦྱངས། དགུང་ལོ་ཉེར་ལྔ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་ཁག་ལ་མཁས་པའི་གྲགས་པ་ཁྱབ། པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས་ཏེ། ཝ་ར་ཎཱ་སི་སོགས་སུ་སཾ་སྐྲྀ་ཏ་ལ་སྦྱངས། སིང་ག་ལར་ཕེབས་པ་དང་། སླར་པཎྜི་ཏ་ར་ཧུ་ལ་དང་ལྷན་བོད་དུ་ཕེབས། ཡུན་རིང་མ་བཞུགས་པར་རྒྱ་གར་དུ་ཕེབས། དགུང་ལོ་ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་། ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟར་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་བཙོན་དུ་བཅུག དགུང་ལོ་ཞེ་དྲུག་པར་བཙོན་ཁང་ནས་གློད་བཀྲོལ་བཏང་། དེ་ནས་སློབ་མ་སྐོར་ཞིག་ལ་སློབ་ཁྲིད་མཛད། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༩༥༡ ལོར་ལྷ་སར་སྐུ་གཤེགས། ཁོང་གིས་བརྩམས་པ་དང་བསྒྱུར་པའི་གཞུང་ལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་དང༌། བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ། ཀླུ་སྒྲུབ་དགོངས་རྒྱན། སེང་གྷ་ལའི་ལོ་རྒྱུས། བྱ་ལེན་མའི་ཟློས་གར། གངས་རིའི་སྐོར། ཞང་དགའ་བའི་བློ་གྲོས་ལ་དྲིས་ལན། རྡུལ་ཆུང་དཔྱད་པའི་སྐོར། དབུ་ཚད་དཀའ་བའི་གནད། འདོད་པའི་བསྟན་བཅོས། དྷི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིག་སྔ་རྗེས་གཉིས། ཀེ་ཏ་ཀ་སོགས་ཀྱི་བཤད་པ། ལེགས་ལྡན་ནག་པོའི་གླུ། རང་བཞིན་གསུམ་ངེས་པ། གཏམ་གྱི་ཚོགས་ཉིན་མཚན་བདུན་པ། ཆོས་ཀྱི་ཚིགས་སུ་བཅད་པ། ལེགས་སྦྱར་བང་མཛོད། སུམ་རྟགས་ཀྱི་སྐོར་ཕྲན་བུ། སྙན་རྩོམ་ཐོར་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་སོགས་བཞུགས།
སྨོན་ལམ་ཚིག་མཛོད་ལས་བཤུས།

ནང་དོན་ལེགས་པོ་འདུག་ན་འོག་གི་(关注དང་(好看)(广告ལ་ནོན་དང་ཁྱེད་ལ་མཁོ་ངེས་ཀྱི་ཤེས་བྱ་སྣ་ཚོགས་མཐོང་ཐུབ།

您可能也对以下帖子感兴趣

文章有问题?点此查看未经处理的缓存